རྫོང་ཁའི་འབྲི་རྩོམ་འབྲི་ཐངས་ཀྱི་རྣམ་གཞག།

Authors

  • རྡོ་རྗེ་འཕྲིན་ལས། Lhuentse Higher Secondary School, MoESD

DOI:

https://doi.org/10.17102/rigzoedjournal.clcs.rub.4.004

Abstract

འབྲི་རྩོམ་འབྲི་ཐངས་ཀྱི་རིག་རྩལ་འདི་གིས་ མི་གི་བརྒྱུད་ལུ་ཡོད་པའི་ཡོན་ཏན་གྱི་གནས་ཚད་ གསལ་སྟོན་འབད་བའི་ཁར་ ཤེས་རིག་གི་སྲིད་བྱུས་ནང་ལུ་ མེད་ཐབས་མེད་པའི་ ལག་ཆ་ཅིག་ཨིན་མས། ཨིན་རུང་ རྫོང་ཁའི་འབྲི་རྩོམ་འབྲི་ཐངས་ཀྱི་རྣམ་གཞག་འདི་ དེ་ཅི་ཨིན་ཟེར་ ཁུངས་གཏུགས་བཏུབ་པའི་ ལམ་སྟོན་ལམ་གཞག་ཅིག་སྒྲིང་སྒྲིང་མེད་པའི་ཁར་ རྫོང་ཁའི་ཡིག་ཆ་ག་ཅི་ནང་ཡང་ འབྲི་རྩོམ་འབྲི་ཐངས་ཀྱི་རྣམ་གཞག་ གསལ་རི་རི་ཅིག་དང་ རྒྱས་ཞིང་རྒྱསཔ་སྦེ་ བཤད་པ་རྐྱབ་སྟེ་ ཁ་གསལ་དང་ཧིང་སངས་ས་མེད་པར་ལུས་ཡོདཔ་ལས་ ཞིབ་འཚོལ་དེ་གིས་ རྫོང་ཁའི་འབྲི་རྩོམ་འབྲི་བའི་སྐབས་ལུ་ སྔར་ལས་ཡོད་པའི་ རྫོང་ཁའི་འབྲི་རྩོམ་འབྲི་ཐངས་རྣམ་གཞག་གང་རུང་ གནད་དོན་ཧིང་སངས་ས་དང་ཁ་གསལ་མེད་མི་ཚུ་ལུ་ ཨིང་སྐད་ནང་ཡོད་པའི་རྣམ་གཞག་ཚུ་ལས་ཟུར་རྒྱན་ཏེ་ རྫོང་ཁའི་འབྲི་རྩོམ་འབྲི་ཐངས་ཀྱི་རྣམ་གཞག་གི་ཐོག་ལུ་ ཞིབ་འཚོལ་འབད་དེ་ཡོད། དེ་ཡང་ ཡིག་ཆ་དབྱེ་དཔྱད་འབད་དེ་ ཁུངས་བཙན་ཐབས་ལམ་ལག་ལེན་འཐབ་སྟེ་ སྤྱིར་བཏང་རྫོང་ཁའི་འབྲི་རྩོམ་ག་ཅི་བཟུམ་འབྲི་རུང་ མེད་དུ་མེད་རུང་བའི་ འབྲི་རྩོམ་གྱི་འཆར་གཞི་བཀོད་རིས་བཟོ་ཐངས་དང་ འབྲི་རྩོམ་གྱི་ཁྱད་ཆོས་ དོན་ཚན་འབྲི་ཐངས་དང་ངོ་སྤྲོད་ དེ་ལས་བར་གྱི་གནད་དོན་དང་མཇུག་བསྡུ་འབྲི་ཐངས་ དེ་བཟུམ་སྦེ་ར་ འབྲི་བཀོད་འབྲི་ཐངས་ཀྱི་སྐོར་ལས་ ཞིབ་འཚོལ་འབད་དེ་ཡོད། ཞིབ་འཚོལ་འབད་བའི་སྐབས་ལུ་ ངོ་སྤྲོད་དོན་མཚམས་གཅིག་ནང་ རྐོ་མའི་རྗོད་ཚིག་དང་རྒྱབ་ཁུངས་རྗོད་ཚིག་ དེ་ལས་ རྩོམ་ཡིག་བརྗོད་ཚིག་གསུམ་འབྲི་དགོ་པའི་ཁར་ བར་གྱི་གནད་དོན་མཚམས་གསུམ་ནང་ དོན་ཚན་རྗོད་ཚིག་དང་རྒྱབ་སྐྱོར་རྗོད་ཚིག་ དེ་ལས་དོན་མཚམས་མཇུག་བསྡུ་རྗོད་ཚིག་འབྲི་དགོཔ་ཨིན་མས། ལྷག་པར་དུ་ མཇུག་བསྡུ་འབྲི་བའི་སྐབས་ལུ་ རྩོམ་ཡིག་བརྗོད་ཚིག་དང་ དོན་ཚན་རྗོད་ཚིག་ཚུ་ ཚིག་བསྒྱུར་འབད་དེ་བསྐྱར་བརྗོད་འབད་དེ་བྲི་ནི་དང་ མཐའ་བསྡོམས་རྗོད་ཚིག་གསུམ་བཙུགས་དགོ་པའི་ཁར་ འབྲི་རྩོམ་གྱི་བཀོད་རིས་འཆར་གཞི་དང་ འབྲི་བཀོད་ཚུལ་དང་ལྡན་ཏོག་ཏོ་སྦེ་བཀོད་དགོ་པའི་མངོན་གསལ་བྱུང་ཡི། ཞིབ་འཚོལ་དེ་ལུ་བརྟེན་ཏེ་ རྫོང་ཁའི་འབྲི་རྩོམ་འབྲི་ཐངས་ཀྱི་རྣམ་གཞག་ ལེགས་བཅོས་དང་བརྟག་ཞིབ་འབད་དེ་ སྒྲིང་སྒྲིང་དང་ཆ་གནས་ཅན་བཟོ་ཚུགས་ནི་དང་  སྤུས་ཚད་དང་ཁྱད་ལྡན་གྱི་རྫོང་ཁའི་འབྲི་རྩོམ་བྲི་ནི་ལུ་ ལམ་སྟོན་འབད་དེ་ རྫོང་ཁའི་སྐད་ཡིག་དང་རྩོམ་རིག་ ལྷག་པར་དུ་ རྫོང་ཁའི་འབྲི་རྩོམ་འབྲི་ཐངས་ ཡར་རྒྱས་གཏང་ཚུགས་པའི་ཁེ་ཕན་ཡོད།

གཙོ་བོ་ཚིག།  འབྲི་རྩོམ། ཨིང་སྐད། རྫོང་ཁ། འབྲི་ཐངས། ཁྱད་རྣམ། སྒྲིག་བཀོད། རྫོང་ཁའི་འབྲི་རྩོམ་འབྲི་ཐངས།

Downloads

Published

02-06-2026

How to Cite

རྡོ་རྗེ་འཕྲིན་ལས།. (2026). རྫོང་ཁའི་འབྲི་རྩོམ་འབྲི་ཐངས་ཀྱི་རྣམ་གཞག།. Rig-Mdzod Dus-Deb, 4(5). https://doi.org/10.17102/rigzoedjournal.clcs.rub.4.004